བོད་ཡིག་དང་ཡུ་གུར་བའི་ཡིག་བྲིས་མཉེན་ཆས།

ཉེ་ཆར་ཤིན་ཧྥ་གསར་ཁང་ནས་གནས་ཚུལ་ཐོན་གསལ་དུ། ཧྲན་ཞི་ས་གནས་ཀྱི་ཤི་དྷན་གཙུག་ལག་ཁང་ནས་བོད་ཡིག་དང་ཡུ་གུར་བའི་ཡི་གེ་རྣམས་ ཁ་པར་དང་། ཊེ་བྷེ་ལེཊ་ངོས་སུ་གློག་སྨྱུག་གམ་མཛུབ་མོ་སྤྱད་དེ་ཡི་གེ་བྲིས་བྱེད་ཐུབ་པའི་མཉེན་ཆས་ཞིག་བཟོས་འདུག །ཡུ་གུར་དང་བོད་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་སུ་བརྩི་བ་དང་། སྐད་ཡིག་འདི་གཉིས་སྤྱོད་མཁན་མི་གྲངས་ས་ཡ་འགའ་ཤས་ཡོད།

མཉེན་ཆས་གསར་པ་དེའི་ལས་འཆར་གྱི་གོ་ཁྲིད་སྐུ་ཞབས་ ལུའུ་ ཁྲོའོ་ཡཱང་ རེད་འདུག །ཁོང་གི་གསུང་གསལ་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི་གྲངས་ཉུང་མི་རིགས་ཤིག་ཀྱི་སྐད་ཡིག་དེ་དེང་དུང་ཆ་འཕྲིན་དུས་རབས་དང་མཉམ་སྐྱོད་ཐུབ་ཐབས་དང་། མི་རིགས་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབས་ཐུབ་པའི་ཆེད་དུ་ཡིན་ཟེར།

གཙུག་ལག་ཁང་གི་འདི་གའི་སློབ་དཔོན་ཆེན་མོ་ཞིག་གིས་ལབ་གསལ། ཡུ་གུ་གི་ཡི་གེ་འབྲི་སྟངས་དེ་རྙོག་དྲ་ཚ་པོ་དང་། བོད་ཡིག་ཡི་གེ་དེ་ཡང་ནུབ་ཕྱོགས་པའི་ abcd བཀོད་སྟངས་དང་ཡོངས་སུ་མི་འདྲ།

ཡུ་གུར་དང་བོད་ཕྲུག་སློབ་མ་ 200 ལྷག་གིས་ལས་འཆར་འདི་དགོས་མཁོ་ལྟར་རྒྱབ་བསྐྱོར་ཆེད་མཉམ་རུབ་ཀྱིས་ཡིག་མཛོད་མ་སྒམ་ནང་ཡི་གེ་འབུམ་ཕྲག་ཁ་ཤས་བཅུག་ཟིན།

ད་ལྟའི་ཆར་མཉེན་ཆས་དེ་ནང་ཁུངས་སུ་ཚོད་ལྟ་དང་བསྐྱར་ཞིབ་འགྲོ་བཞིན་ཡོད་པས་རིང་མིན་ཨན་ཌོའི་ཁ་པར་རྒྱུད་ཕབས་ལེན་བྱེད་ཐུབ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།