ཨན་ཌོའི་ནང་བོད་ཡིག་འཆར་མི་ཐུབ་པ་དེ་ལ་ཐབས་འདྲ་ཡོད་དམ།

andriod ནང་བོད་ཡིག་འཆར་མི་ཐུབ་པ་དེ་ལ་ཐབས་འདྲ་ཡོད་དམ། samsung galaxy A3/ A5 /A7/ ལ་སོགས་པའི་ནང་། ངའི་ཟེར་དོན་སྤྱིར་ངའི་ཁ་པར་ལ་བོད་ཡིག་འཆར་ཐུབ་ཀྱང་སྙི་ཆས་ལ་ལར་བོད་ཡིག་འཆར་མི་ཐུབ་ དེ་ལས་ཀྱང་གྷུ་གྷལ་གྱི་སྙི་ཆས་ཕལ་ཆེར་ཆ་ཚང་ལ་བོད་ཡིག་སྤྱོད་མི་ཐུབ། ཐ་ན google chrome དང་ gmail སྙི་ཆས་ལ་ཡང་བོད་ཡིག་མི་འཆར། སྤྱི་མཚུངས་བཞིན་ google keep ཅེས་པའི་སྙི་ཆས་འདི་ཡང་བོད་ཡིག་བཀོལ་མི་ཐུབ་པའི་ཁོངས་སུ་འདུག –khen gen

ལན།

ཨན་ཌོའི་ཁ་པར་ནང་གི་མཉེན་ཆས་ཡོད་དོ་ཅོག་ལ་བོད་ཡིག་འཆར་ཐུབ་མིན་ནི་གཙོ་བོ་ཨན་ཌོའི་སྒྲིག་བཀོད་མ་ལག་ལྟེ་བའི་ནང་བོད་ཡིག་ཡིག་གཟུགས་བཅུག་ཡོད་མེད་ལ་རག་ལས་ཡོད། དཔེར་ན་ ཨྱ་ཧྥོན་དང་། ཨྱ་པེཊ་གློག་ཆས་ལྟེ་བའི་ནང་བོད་ཡིག་གི་ཡིག་གཟུགས་དེ་སྒྲིག་འཇུག་བྱེད་ཡོད་པར་བརྟེན་མཉེན་ཆས་ཆ་ཚང་ནང་བོད་ཡོད་ཡོང་ཐུབ་པ་ལྟ་བུ་རེད། ཉེ་སྔོན་ OPPO ཞེས་པའི་ཁ་པར་ཚོང་སྡེས་བོད་ཡིག་ལ་རྒྱབ་བསྐྱོར་ཐོབ་པའི་གནས་ཚུལ་འདུག དེར་གཟིགས།

གལ་ཏེ་ཨན་ཌོའི་ཁ་པར་གྱི་མཉེན་ཆས་ཆ་ཚང་ནང་བོད་ཡིག་ཡོང་དགོས་ན་ཐབས་ཤེས་གཅིག་ཡོད། དེ་ནི་རུ་ཊིང་ (Rooting) བྱེད་དགོས། རུ་ཊིང་སྐོར་འདི་ནས་གཟིགས།

རུ་ཊིང་བྱེད་ན་ཁ་པར་སྐྱོན་དུ་འགྲོ་བའི་ཉེན་ཁ་ཅུང་ཡོད། དེར་བརྟེན་རུ་ཊིང་བྱེད་ལུགས་བྱེད་སྟངས་དམིགས་བསལ་བཀོད་མེད།

སྔར་ངས་ཚོད་ལྟའི་ཆེད་རང་ཉིད་ཀྱི་ཁ་པར་རྙིང་པ་གཉིས་ཀྱི་ནང་ iFont མཉེན་ཆས་དེ་བཅུག་ནས་བོད་ཡིག་ཡིག་གཟུགས་སྒྲིག་འཇུག་བྱེད་སྐབས། མཉེན་ཆས་དེ་ཡིས་ཁ་པར་ལ་ རུ་ཊིང་ བྱེད་རོགས་ཀྱང་ཐུབ་ཀྱི་འདུག iFont མཉེན་ཆས་སྐོར་འདི་ནས་གཟིགས།

གལ་ཏེ་ཁྱེད་རང་ཚོད་ལྟ་བྱེད་འདོད་ན་ཚོད་ལྟའི་སྐབས་སུ་ཁྱེད་ཀྱི་ཁ་པར་ལ་སྐྱོན་ཆགས་བྱུང་ན་འགན་ལེན་དོ་དག་གིས་བྱེད་དགོས་སོ།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།