དྲ་ཚིགས་ནང་རེའུ་མིག་ལེགས་པོ་ཞིག་བཀོད་སྟངས།

Microsoft Word དང་ Excel ནང་ལས་ཀ་བྱེད་མཁན་ཞིག་གིས་རེའུ་མིག་བཟོ་རྒྱུ་ནི་ཕྲུ་གུའི་རྩེ་མོ་ལྟར་ལས་ལྷ་པོའི་ངང་བཟོ་ཐུབ་ཀྱི་ཡོད། འོན་ཀྱང་དྲ་ཚིགས་ཐོག་རེའུ་མིག་དེ་རིགས་བཟོ་དགོས་བྱུང་ན་དེ་ལྟར་སྟབས་བདེ་པོ་ཞིག་རྩ་བ་ནས་མེད། རྒྱུ་མཚན་ནི་དྲ་ཚིགས་ནང་རེའུ་མིག་བཟོ་དགོས་ན་ངེས་པར་དུ་ HTML གྱི་སྐད་ཡིག་དང་ HTML བརྒྱག་སྟངས་ཤེས་དགོས། HTML གྱི་འགྲོ་སྟངས་ཤེས་མཁན་ཞིག་ཡིན་ནའི་རེའུ་མིག་བཟོ་རྒྱུ་ནི་རྙོག་ཟིང་ཅན་ཞིག་བརྩི་གི་ཡོད། གང་ལྟར་རྒྱུ་མཚན་གང་ལ་ཐུག་ཀྱང་རུང་ངས་དོ་སྣང་བྱུང་བ་ནི་བོད་ཡིག་གི་དྲ་ཚིགས་མང་པོའི་ནང་རེའུ་མིག་བཀོད་བཞག་པའི་རྩོམ་ཡིག་མང་པོ་མཐོང་རྒྱུ་མིན་འདུག།།གལ་ཏེ་རེ་བཟུང་ཡོད་ན་དེ་དག་ཕལ་ཆེ་བ་པར་གྱི་ཡིག་ཆའི་ཐོག་བཟོས་བཞག་པ་ཤ་སྟག་རེད་འདུག།

རེའུ་མིག་ཞིག་གི་ནང་དཔྱད་གཞི་ཚད་བསྡུར་བྱེད་པའི་ཨང་གྲངས་དང་མིང་ཐོ་བཀོད་དེ་ཀློག་མཁན་ལ་གནད་དོན་མང་པོ་ཞིག་ལ་བློ་སྒོ་འབྱེད་ཐུབ་པའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡོད། བརྒྱ་བཤད་ཚིག་གི་ཤོག་ལེ་བཀང་པ་ལས་སྐབས་རེ་རེའུ་རེ་གཉིས་ཀྱིས་དོན་གནད་ཆ་ཚང་གསལ་ལེར་སྟོན་ཐུབ་ཀྱི་ཡོད། དེར་དཔེ་མཚོན་ཆེད་གཤམ་ལ་རེའི་མིག་ཞིག་བཀོད་ཡོད། རེའུ་མིག་དེར་ངས་དམིགས་བསལ་འགྲེལ་བཤད་བརྒྱག་གི་མིན། ཁྱེད་ཀྱི་དོན་རྟོགས་ཐུབ་མིན་གཟིགས་དང་། ཁྱེད་ཀྱིས་གཏན་གཏན་ཧ་གོ་ངེས་རེད།

No.
Browser
Usage
1
Chrome
39%
2
Firefox
18%
3
Safari
13%
4
Internet Explorer
7%
5
Opera
5%
6
Others
5%

རེའུ་མིག་ཞིག་པར་བཟོས་ནས་དྲ་ཚིགས་ཐོག་འཇོག་པ་ནི། ཐབས་ཤེས་གཅིག་རེད། འོན་ཀྱང་དེའི་སྐྱོན་ཆ་གཅིག་ནི་རྗེས་སུ་རེའུ་མིག་གི་ཨང་གྲངས་དང་དེའི་ཐོག་བཟོ་བཅོས་བྱེད་དགོས་བྱུང་ན། རེའུ་མིག་དེ་བསྐྱར་དུ་མཉེན་ཆས་ཞིག་གི་ནང་བསྒྲིགས་དགོས་པ་དང་། དུས་ཚོད་ཡང་བསྐྱར་བཏང་དགོས་འཁེལ་སྲིད།

དེར་བརྟེན་བསྐྱར་ཟློས་ཀྱི་ལས་ཀ་བྱེད་མི་དགོས་པ་དང་། བཟོ་དགོས་པའི་རེའུ་མིག་དེ་རང་གི་མོས་པ་དང་མཐུན་པ། བཟོས་ཟིན་པའི་རེའུ་མིག་དེ་དྲ་ཚིགས་ཀྱི་རྣམ་པ་དང་མཚམས་པ་ཞིག །བཟོ་སྟངས་སྟབས་བདེ་པོ་དང་རྒྱུན་གཏན་ངས་སྤྱད་པའི་ཐབས་ཇུས་ལེགས་ཤོས་དེ་ཁྱེད་ལ་སློབ་སྟོན་བྱེད་ཀྱི་ཡིན།

དྲ་ཚིགས་མཁན་པོ་ཞིག་ཡིན་ན། HTML བརྒྱག་ནས་རེའུ་མིག་བཟོ་མཆོག །དེར་ངས་སྟོན་པའི་ཐབས་ཤེས་དེ་ནི་ HTML བརྒྱག་སྟངས་མི་ཤེས་མཁན་དང་། HTML རྒྱག་ཤེས་ཀྱང་དུས་ཚོད་གཅེས་འཛིན་བྱེད་མཁན་ཆེད་དུ་ཡིན་ཟེར་མཆོག །ག་རེ་་་་་དུས་ཚོད་གཅེས་འཛིན་་་་་ཆེད་དུ་་་་། ད་འུར་བཤད་ཀྱི་ཡོད་པའི་བཟོ་འདྲ་པོ་ཆགས་སོང་། ཧཱ་ཧཱ།

རེའུ་མིག་བཟོ་སྟངས།

༡༽ ཚང་མས་ Word མཉེན་ཆས་ཤེས་ཀྱི་ཡོད་ཙང་། རང་གི་འདོད་མོས་ལྟར་རེའུ་མིག་གཅིག་བཟོས། རེའུ་མིག་གི་བཟོ་དབྱིབས་དང་ཁ་མདོག །ནང་ངོས་ཀྱི་གྲངས་ཐོ་སོགས་བཀོད་སྒྲིག་བྱོས།

༢༽ ཡིག་ཆ་དེ་ Web Page, Filtered (*.htm, *html) རྣམ་པའི་ཐོག་ཉར་ཚགས་བྱེད།

༣༽ ཉར་ཚགས་ཟིན་པའི་ཡིག་ཆ་དེ་ Notepad  ནང་ཁ་ཕྱེ་དགོས།

༤༽ Notepad ནང་གཟིགས་པའི་སྐབས་ཁྱེད་ཀྱིས་ HTML གྱི་ code མང་པོ་མཐོང་ཐུབ། དེ་དག་ལས་<table ནས་ </table>བར་བཤུ་(Copy) དགོས། འདི་ནི་རེའུ་མིག་གི་ HTML code ཆ་ཚང་དེ་རེད།

༥༽ དེ་ནས་སོ་སོའི་དྲ་ཚིགས་སམ་ཟིན་བྲིས་བཀོད་སའི་སྒྲོམ་དེ་ཁ་ཕྱེ་ནས། HTML བཀོད་སའི་ནང་གོང་གི་རེའུ་མིག་གི་ཀོཊ་ (code) དེ་འདིའི་ཐོག་འཕབ་ (Paste) དགོས།

༦༽ དེ་རྗེས་ཐད་ཀར་རྩོམ་ཡིག་སྤེལ་བའམ་ཡང་ན་སྔོན་བལྟ་ (Preview) ཞིག་བྱེད་ན་འགྲིགས། blogger སྤྱོད་མཁན་ཚོས་ Compose ཟེར་བ་དེའི་ཐོག་གནོན་ནས་བལྟ་ན་འགྲིགས།

དེ་ལྟར་དྲ་ཚིགས་ངོས་སུ་རེའུ་མིག་བཀོད་སྟངས་བསླབས་ཟིན། གོང་གི་འགྲེལ་བཤད་དེས་ཁྱེད་ལ་གསལ་པོ་ཆགས་ཡོད་པའི་རེ་བ་ཡོད། གལ་ཏེ་དོགས་གཞི་དང་དྲི་བ་འདྲ་ཡོད་ན། གཤམ་གྱི་མཆན་བཀོད་སའི་ཐོག་ངོ་དེབ་ཁ་བྱང་དང་གུ་གུལ་ཁ་བྱང་གང་རུང་སྤྱད་དེ་མཆན་བཀོད་རྒྱུ་མ་བརྗེད་པ་གནང་རོགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།