དགོས་མཁོ་དང་རིག་རྩལ་ལས་གྲུབ་པའི་ InfiniteUSB

གློག་ཀླད་ཀྱི་ USB མཐུད་ཁ་ནས་ཕྱི་ཕྱོགས་གློག་ཆས་ཧ་ཅང་མང་པོ་ཞིག་དང་སྦྱོར་ཏེ་ལས་ཀ་བྱེད་དགོས་ཀྱི་ཡོད། གློག་ཀླད་མང་ཆེ་བ་ལ་ USB གི་མཐུད་ཁ་གཉིས་གསུམ་ཙམ་ཡོད། འོན་ཀྱང་ད་དུང་མི་གདང་བའི་སྣང་བ་ཞིག་བསྟེར་གྱིན་ཡོད། དེར་བརྟེན་མི་རྣམས་ཀྱི་དགོས་མཁོར་གཞིགས་ཏེ་ཆེད་ལས་པས་རིག་རྩལ་ལས་ InfiniteUSB ཞེས་པའི་ཏར་སྐུད་ཞིག་བཟོས་ཡོད། InfiniteUSB དེས་ཕྱི་ཕྱོགས་ཀྱི་ USB གློག་ཆས་གྲངས་མེད་ལྷན་དུ་མཐུད་སྦྱོར་བྱེད་ཐུབ་ཀྱི་ཡོད་ལ་མ་འོངས་ཀྱི་དཀའ་ཚེགས་དེ་རིགས་ལས་ཡོངས་སུ་གྲོལ་བ་ཆགས་ཡོད། དྲ་ཐོག་ཚོང་འགྲེམས་བྱེད་ས་ Ebay ནས་ཏར་སྐུད་དེ་ཉོ་ན་རྒྱ་གར་སྒོར་ Rs. 149/- ཡིན་འདུག

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།