བོད་ཡིག་རྒྱབ་སྐྱོར་ཐོབ་པའི་ Android 6.0 Marshellow

གུ་གུལ་ཚང་གིས་ཨན་ཌོའི་མ་ལག་ཨང་ 6.0 མིང་ལ་མཱར་ཞི་མཱེ་ལོ་ (Marshmellow) ཟེར་བ་དེ་འདི་ལོའི་ཕྱི་ཟླ་ 9 ཚེས་ 29 ཉིན་འགྲེམས་བསྒྲགས་དང་འབྲེལ་གུ་གུལ་ཚང་རང་ཉིད་ཀྱིས་བཟོས་པའི་ལག་ཐོག་ཁ་པར་ Nexus 5X དང་ Nexus 6P གཉིས་ཡང་འགྲེམས་ཚོང་བྱེད་སྒོ་བཙུགས་ཡོད།

ཨན་ཌོའི་ཐོན་རིམ་གསར་པ་དེའི་ནང་དམིགས་བསལ་ཁྱད་ཆོས་གསར་པ་མང་པོ་ཁ་སྣོན་བྱས་ཡོད། དཔེར་ན།

  • App Permission (མཉེན་ཆས་དབང་ཚད་འདེམས་ག )
  • Web experience (དྲ་ཚིགས་མྱུལ་བདེ། )
  • Fingerprint support ( མཛུབ་བཤེར། )
  • Mobile payments ( ཁ་པར་རྒྱུད་རིན་སྤྲོད། )
  • App links ( ཡིག་ཆ་དང་མཉེན་ཆས་ངོ་འཕྲོད། )
  • Power and charging ( གློག་མེ་གྲོན་ཆུང་། )
  • Improved cut, copy and paste ( བྲེག་སྦྱོར་བདེ་རུ་སོང་བ། )
  • Auto app data backup ( ཁ་པར་གྱི་མཉེན་ཆས་དང་ཡིག་ཆ་འདྲ་བཤུས། ) སོགས་དེ་དང་དེ་མིན་དམིགས་བསལ་ཁྱད་ཆོས་མང་པོ་སྣོན་བྱས་ཡོད།

འདིར་ངས་ཆད་འདོད་པའི་གཏམ་བཟང་ལེགས་ཤོས་ནི། ཨན་ཌོའི་མ་ལག་གསར་པ་དེས་བོད་ཡིག་ལ་རྒྱབ་སྐྱོར་ཡོངས་སུ་ཐོབ་ཡོད་པའི་སྐོར་ཡིན། གལ་ཏེ་ཁྱེད་ཀྱི་ཁ་པར་དེ་ཨན་ཌོའི་མ་ལག་རྙིང་པའི་ཐོག་ཡོད་ན། ཨན་ཌོའི་མ་ལག་ཨང་ 6.0 ཐོག་རིམ་སྤར་ (update) ཞིག་གནང་དང། ད་ནས་བཟུང་དྲ་ཚིགས་དང་ཁ་པར་གྱི་མཉེན་ཆས་ཚང་མའི་ནང་བོད་ཡིག་དཀའ་ཚིགས་གང་ཡང་མེད་པར་ཤར་ཐུབ་པས་སོ། འདིར་དམིགས་བསལ་བོད་ཡིག་ཡིག་གཟུགས་བླུགས་མི་དགོས་ལ། རུ་ཊིང་(Rooting) སོགས་མགོ་རྙོག་གི་ལས་རིགས་གང་ལ་ཡང་སྣང་འཇོག་བྱེད་མི་དགོས་པ་ཆགས་ཟིན།
ཨན་ཌོའི་མ་ལག་དྲུག་པ་དེ་གུ་གུལ་གྱིས་བཟོས་པའི་ Nexus ཁ་པར་དང་གློག་ཆས་ཚང་མར་ཕབ་ལེན་དུ་འཇོག་ཡོད། དེར་བརྟེན་སོ་སོའི་ཁ་པར་ལས་ Settings > About Phone > System update > check for the update ཐོག་གནོན་ཏེ་ཕབ་ལེན་སྒྲིག་འཇུག་བྱེད་དགོས། སྒྲིག་འཇུག་ཟིན་པ་དང་བོད་ཡིག་དྲ་ཚིགས་དང་། སྐད་འཕྲིན་སོགས་ལ་གཟིགས་ན་བོད་ཡིག་དཀའ་ངལ་མེད་པར་འཆར་ངེས་རེད།
Nexus ཁ་པར་མ་ཡིན་པའི་ Samsung དང་ HTC, Motorola, Huawei, LG, Sony Xperia, Gionee བཅས་ལ་བཟོ་གྲའི་ཀམ་པ་ཎི་སོ་སོས་ཨན་ཌོའི་ཐོན་རིམ་དྲུག་པ་དེ་འགྲེམས་སྤེལ་རིང་མིན་བྱེད་ངེས་ཡིན། ཨན་ཌོའི་མ་ལག་དྲུག་པའི་ཐོག་རིམ་སྤར་ག་དུས་ཡོང་མིན་གསར་འགྱུར་གཞན་ཁག་ནས་བརྩད་འཚོལ་བྱས་ནས་གཤམ་འདིར་བཀོད་ཡོད།

ཨན་ཌོ་ v6.0 : Motorola

མོ་ཊོ་རོ་ལཱ་ཁ་པར་ནི་ཨན་ཌོའི་མ་ལག་གསར་བརྗེ་མྱུར་ཤོས་བྱེད་མཁན་ཞིག་ཡིན་པ་དང་། ཉེ་ཆར་གསར་དུ་ཐོན་པའི་ཁ་པར་དང་ཨན་ཌོའི་ཁ་པར་རྙིང་པར་རྣམས་ལ་ Marshmellow སྒྲིག་འཇུག་ཕབ་ལེན་ཡོད།

  • 2015 Moto X Pure Edition (third-gen)
  • 2015 Moto X Style (third-gen)
  • 2015 Moto X Play
  • 2015 Moto G (third-gen)
  • 2014 Moto X Pure Edition in the US (second-gen)
  • 2014 Moto X in Latin America, Europe and Asia (second-gen)
  • 2014 Moto G and Moto G with 4G LTE2 (second-gen)
  • 2014 Moto Maxx
  • 2014 Moto Turbo

ཨན་ཌོ་ v.6.0 : HTC

HTC ཚང་གིས་འདི་ལོའི་སྤྱི་ཟླ་ 10 ཚེས་ 20 ཉིན་ཨན་ཌོ་ v6 ཅན་གྱི་ཁ་པར་གསར་པ་ཞིག་འགྲེམས་སྤེལ་བྱེད་འཆར་ཡོད་པ་དང་། HTC ཡིན་པའི་ཁ་པར་གཞན་རྣམས་ལ་འདི་ལོའི་ལོ་འཇུག་ཏུ་ཨན་ཌོ་ v6 ཕབ་ལེན་གྱི་མཐུན་རྐྱེན་སྦྱོར་རྒྱུའི་གནས་ཚུལ་འདུག

  • HTC One M9+
  • HTC One E9+
  • HTC One M8
  • HTC One E9
  • HTC One ME
  • HTC One E8
  • HTC One M8 Eye
  • HTC Butterfly 3
  • HTC Desire 826
  • HTC Desire 820
  • HTC Desire 816

ཨན་ཌོ་ v.6.0 : LG

LG ཁ་པར་གྱིས་ཨན་ཌའི་ཐོན་རིམ་དྲུག་པ་དེ་དང་འབྲེལ་བའི་གསར་འཕྲིན་གསལ་པོ་གང་ཡང་སྤེལ་མེད་ཀྱང་། ཉེ་ཆར་བཟོས་པའི་ LG G3 དང་ LG G4 གི་ཁ་པར་ནང་ཨན་ཌོ་ v6 དེ་བཅུག་ཡོད་པ་མཐོང་སྐབས་ LG ཀམ་པ་ཎི་ཡང་ཨན་ཌོ་ཐོན་རིམ་གསར་ཤོས་དེའི་ཐོག་གོམ་པ་སྤོ་རྒྱུ་ཡིན་པ་གསལ་པོ་རྟོགས་ཐུབ།

ཨན་ཌོ་ v.6.0 : Samsung

བོད་པའི་སྤྱི་ཚོགས་ནང་ཁ་པར་མང་ཤོས་ཁྱེར་མཁན་ནི་ Samsung ཁ་པར་ཡིན་པ་དང། Samsung ཁ་པར་ཡོད་མཁན་ཚོས་ཀྱང་གཏམ་བཟང་དེར་དོ་སྣང་བྱེད་ངེས་ཡིན། Samsung ཀམ་པ་ཎི་ངོས་ནས་ཨན་ཌོའི་ཐོན་རིམ་གསར་པའི་ཐོག་ལས་གཞི་འགོ་བཙུགས་ཟིན་པ་དང་། རིང་མིན་ཕབ་ལེན་དུ་འཇོག་ངེས་ཡིན་པ་གསལ་ཡོད། YouMobile ཟེར་བའི་དྲ་གནས་ཞིག་གི་ནང་གཤམ་གྱི་ཁ་པར་དེ་དག་ལ་སྔོན་ཚུད་ནས་ཨན་ཌོ་མ་ལག་དྲུག་པ་དེ་ཕབ་ལེན་དུ་རག་རྒྱུ་གསལ་བཀོད་བྱས་འདུག

  • Samsung Galaxy Note 5
  • Samsung Galaxy S6 edge+
  • Samsung Galaxy S6
  • Samsung Galaxy S6 Duos
  • Samsung Galaxy S6 edge
  • Samsung Galaxy Note 4
  • Samsung Galaxy Note 4 Duos
  • Samsung Galaxy Note Edge
  • Samsung Galaxy Alpha
  • Samsung Galaxy Tab A

ཨན་ཌོ་ v.6.0 : Sony Xperia

Sony ཀམ་པ་ཎི་གིས་གཤམ་གྱི་ཁ་པར་དེ་དག་ལ་ཨན་ཌོ་ v6 པའི་ཕབ་ལེན་མགྱོགས་པོ་སྤེལ་ངེས་ཡིན་ཟེར་ཡང་དམིགས་གསལ་དུས་ཚོད་གཏན་འཁེལ་བྱས་མེད། འོན་ཀྱང་འདི་ལོའི་མཇུག་སྔོན་དུ་རག་ཐུབ་པའི་རེ་བ་ཡོད།

  • Xperia Z5,
  • Xperia Z5 Compact
  • Xperia Z5 Premium
  • Xperia Z4 Tablet
  • Xperia Z3+
  • Xperia Z3
  • Xperia Z3 Compact
  • Xperia Z3 Tablet Compact
  • Xperia Z2
  • Xperia Z2 Tablet
  • Xperia M5
  • Xperia C5 Ultra
  • Xperia M4 Aqua
  • Xperia C4

ཨན་ཌོ་ v.6.0 : Gionee

Gionee ཀམ་པ་ཎི་གིས་ཨན་ཌོ་ v6 དེ་རྗེས་ལོ་ 2016 གི་ཟླ་བ་གསུམ་པའི་ནང་ཕབ་ལེན་དུ་འཇོག་རྒྱུ་ཡིན་འདུག
འདི་ལོའི་ཕྱི་ཟླ་ 9 ནང་བཟོས་པའི་ཁ་པར་གསར་པ་ Elife E8 འགྲེམས་སྟོན་གསལ་བསྒྲགས་སྐབས་ Gionee འགོ་འཛིན་སྐུ་ཞབས་ William Lu གིས་ད་ནས་གསར་དུ་བཟོས་པའི་ཁ་པར་ཚང་མའི་ནང་ཨན་ཌོ་ v6 རང་སྒྲིག་ཡོད་པ་དང་། སྔར་ཚོང་འགྲེམས་ཟིན་པའི་ཁ་པར་གཞན་རྣམས་ལ་ཡང་ཨན་ཌོ་ v6 ཕབ་ལེན་གྱི་ལས་གཞི་གང་མྱུལ་སྤེལ་གྱི་ཡིན་གསུངས་ཡོད།

Gionee ཁ་པར་ཡོད་མཁན་ཚོས་རང་ཉིད་ཀྱི་ཁ་པར་ནང་བོད་ཡིག་ཡོང་ཆེད་རྗེས་ལོའི་ཕྱི་ཟླ་གསུམ་པ་བར་བསྒུག་མི་དགོས་པར། ཕྱི་ཟླ་ 8 ཚེས་ 5 ལ་སྤེལ་བའི་ཨན་ཌོ་ v4.4.2 དེ་རང་ཉིད་ཀྱི་ཁ་པར་ནང་གསར་བརྗེ་གནང་ཐུབ་ན། དེའི་ནང་བོད་ཡིག་ཡིག་གཟུགས་ཀྱི་འདེམས་ག་ཡོད། བོད་ཡིག་འདེམས་ག་འདི་སྒྲིག་པ་དང་། དྲ་ཚིགས་དང་གཉེན་ཆས་ཚང་མའི་ནང་བོད་ཡིག་བཀོད་སྤྱོད་ཐུབ་པ་ཆགས་ཀྱི་འདུག །དེར་བརྟེན་ཨན་ཌོ་མ་ལག་དྲུག་པ་མ་རག་པའི་སྔོན་ཨན་ཌོ་མ་ལག་ཨང་ v4.4.2 ཐོག་རིམ་སྤར་གནང་ནའང་འགྲིགས་ཀྱི་འདུག །དེའི་བྱེད་ལུགས་བྱེད་སྟངས་ངས་རྗེས་པའི་རྩོམ་ཡིག་ནང་བཀོད་ཆོག

ཨན་ཌོ་ v.6.0 : Micromax

ཨན་ཌོ་ v.6 དེ་ Micromax Canvas A1 ལ་ཕབ་ལེན་དུ་ཡོད་འདུག Micromax གི་ཁ་པར་གཞན་དེ་དག་ལ་ཨན་ཌོ་གསར་པ་ལོན་རྒྱུ་ཡོད་མེད་ཁ་གསལ་ཞིག་མིག་འདུག །གལ་ཏེ་ཁྱེད་ལ་ Micromax ཁ་པར་ཡོད་ན་ Settings > About Phone > System update > check for the update ནང་ལ་ཚོད་ལྟ་ཞིག་གནང་དང་།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།