ཁུག་དམར་ཟེར་ན་ཅི་རེད།

རྩོམ་ཡིག་སྤེལ་མཁན། སྲོང་བཙན། www.tehorsonam.com

དེང་སྐབས་ཁུག་དམར་ཟེར་ནས་མི་མང་པོས་ག་ས་གང་དུ་གླེང་བཞིན་འདུག་པས་ངེད་ཀྱིས་ཀྱང་ཤེས་རྟོགས་རེ་བྱས་མོད། དྲ་ཐོག་ཏུ་ཁུག་དམར་སྤྱོད་པའི་ཉེན་ཚབས་ཀྱང་གླེང་ནས་ཡང་སྙིང་ཁུག་དམར་ཇི་ལྟར་སྤྱོད་དགོས་པ་དང་དེའི་དགེ་མཚན་གླེང་མཁན་གཅིག་ཀྱང་མ་མཐོང་། ཁུག་དམར་ནི་དྲ་ཇག་ཚོས་ཆེད་དུ་རྐུ་ཇག་བྱེད་པའི་ལག་ཆ་ཞིག་ཡིན་སྙམ་པ་འདུག

མ་གཞི་ངེད་ཅག་བོད་ལ་ཆ་འཕྲིན་རིག་གནས་ཐད་རྒྱུས་ངལ་ཉུང་ཞིང་འདིའི་ཐད་ལག་རྩལ་བ་ཆེས་ཉུང་བ་ཙམ་མ་ཟད་སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་བའི་དྲ་བའི་རིགས་ཇི་ལྟར་བཀོལ་སྤྱོད་དགོས་པའི་བརྙན་རིས་དང་པར་རིས་ཡིག་ཆ་སོགས་ཧ་ལམ་མེད་ཚད་དུ་འདུག ཨིན་ཡིག་དང་རྒྱ་ཡིག་སོགས་ཀྱི་སྐད་རིགས་ཁག་གི་ཐོག་ཏུ་ནི་རིང་ཐུང་སྣ་ཚོགས་དང་ཡག་ཉེས་ཅི་རིགས་ཅན་གྱི་ཡིག་ཆ་དང་བརྙན་རིས་སོགས་ཧ་ཅང་ཡག་པོ་དེ་འདྲ་འབེལ་འབེལ་ལྷུག་ལྷུག་ཡོད་སྟབས་ཆེད་དུ་སློབ་སྦྱོང་བྱེད་འགྲོ་མི་དགོས་པར་ཧ་ཅང་སྟབས་བདེ་ངང་ནང་སྦྱོང་བྱེད་ཆོག མཐའ་ན་ཀུ་ཤུ་ཁ་པར་ངོས་ཀྱི་གསང་ཚིག་ཇི་ལྟར་བཟོ་དགོས་སམ་ཞེས་དྲི་བ་རེ་དྲིས་ན་ལན་སྟོང་ཕྲག་ལྷག་རྙེད་ཐུབ་ཀྱི་ཡོད།

བྱ་དངོས་ཇི་ལྟར་ཡིན་རུང་བཟང་ངན་གྱི་ངོས་གཉིས་ཡོད་ལ་དེ་མཚུངས་བཞིན་མིའི་རིགས་ཀྱིས་ལྟ་སྟངས་ཀྱང་ཡག་གཙོག་གཉིས་ཀ་འཛིན་པས་གཏན་ནས་སྐྱོན་གྱིས་མ་གོས་པར་ཡོད་དཀའ། དེར་བརྟེན། སྐྱོན་ཕྱོགས་ཁོ་ནར་གླེང་ནས་དགེ་མཚན་བརྗོད་དཀའ་བ་དག་སྣང་མེད་བསྐྱུར་འཇོག་དང་སྤྱི་ཚོགས་སུ་མཁོ་རྒྱུག་དགོས་ངེས་ཅན་དག་རྒྱང་ཕུད་དུ་བཏང་ན་དེང་རབས་ཀྱི་རྗེས་ཆོད་མི་ཐུབ་པ་ཙམ་གྱིས་ག་ལ་ཚད་དེ་ནམ་ཡང་ལས་ཚབས་ཆེ་ཞིང་འབབ་རྒྱུ་ཉུང་བའི་ལས་ཀ་ཞིག་ཏུ་འགྱུར་རྒྱུ་རེད། 

ཁུག་དམར་ནི་སྐད་འཕྲིན་བཟོ་ཚང་ཁང་གིས་གསར་དུ་བཟོས་ཏེ་སྐད་འཕྲིན་བརྒྱུད་ནས་དངུལ་མཁོ་གཏོང་བྱེད་ཆོག་པ་ཞིག་ཡིན། འདིས་ནི་དངུལ་ཁང་དུ་སྐྱོད་མི་དགོས་པར་དངུལ་བྱང་ནང་གི་སྒོར་མོ་དག་ཁུག་དམར་བརྒྱུད་ཕན་ཚུན་གཏོང་རེས་བྱེད་པ་དང་། ཁུག་དམར་ནས་དངུལ་བྱང་དུ་བླངས་ཏེ་ཉར་ཚགས་བྱེད་ཆོག་པ་ཞིག་རེད། ཁུག་དམར་ནང་གི་སྒོར་མོ་བཏང་སྟེ་མགྲོན་ཁང་སྔོན་གླ་དང་མེ་འཁོར་དང་གནམ་གྲུའི་འཛིན་བྱང་གསར་ཉོ། དྲ་ཐོག་གི་ཅ་དངོས་མངགས་ཉོའང་བྱེད་ཆོག་གི་འདུག ད་དུང་སྤྱོད་སྒོ་ཇེ་ཆེར་འགྲོ་རྒྱུ་ནི་བཤད་མི་དགོས་ལ་ཉིན་ཞིག་ཁ་པར་ལག་ཏུ་ཡོད་ཚེ་དངུལ་ཁུག་དང་དངུལ་དམར་ཞིག་བཀོལ་དགོས་དོན་མེད་པར་ཁ་པར་ནང་གི་ཨང་གྲངས་འགའ་ཕར་སྐུར་ཚུར་སྐུར་བྱེད་དེ་ལས་དོན་ལེགས་འགྲུབ་བྱེད་ཆོག་པ་ནི་དུས་ཚོད་སྔ་ཕྱི་ཙམ་ལས་ཡོང་ངེས་རེད།

འོན་ཀྱང་དྲ་ཇག་འགས་ཁུག་དམར་ནང་གི་དངུལ་རྐུ་ཐབས་བྱེད་སྲིད་ལ་དེ་ནི་ཁྱིམ་དུ་རྐུན་མ་འཛུལ་ཏེ་དངུལ་དམར་རྐུ་ཐབས་བྱེད་པ་དང་གཅིག་མཚུངས་བཞིན་ཡིན་པས་རྐུན་འགོག་ཐབས་ལམ་ཡང་དེ་མཚུངས་བཞིན་གནང་དགོས་པ་ནི་བཤད་མེད་རེད། དྲ་ཇག་ལ་འཇིགས་ཏེ་ཁུག་དམར་མི་སྤྱོད་པ་དང་རྐུན་མ་ཞེད་ནས་དངུལ་མི་ཁུར་བར་ཁྲོམ་དུ་སོང་བ་ཁྱད་ཅིག་མེད་པས། ཁྱེད་རང་ལག་སྟོང་གིས་ཁྲོམ་ནས་ཅི་ཡང་ཉོ་མི་ཐུབ་པར་ཁྱིམ་དུ་སྟོང་ལོག་རྒྱག་རྒྱུ་རང་རེད། འདི་ནི་མི་སྤྱང་པོའི་བྱེད་ཐབས་ཤིག་ཡིན་ནམ་ལྐུག་པའི་ལས་ཀ་ཞིག་ཡིན་ཁྱེད་ཀྱིས་ཞིབ་ཏུ་བསམ་བློ་ཐོངས།

  • (དྲ་ཇག=དྲ་ཇག་ནི་དྲ་བའི་ཐོག་ཏུ་ཐབས་ལམ་འདྲ་མིན་སྤྱད་ནས་དངུལ་རྐུ་བ་དང་མི་སྒེར་གྱི་གནས་ཚུལ་རྐུ་ཇག་བྱེད་པའི་རིགས་ལ་གོ། 
  • (ཁུག་དམར།=ཁུག་དམར་ནི་རྒྱ་ཡིག་གི(钱包)ནས་བསྒྱུར་བ་ཞིག་རེད།)
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།