ཕྲ་མཉེན་ཚང་གིས་སྐར་ཁུང་བརྒྱད་པར་ལག་རྩལ་རྒྱབ་སྐྱོར་མེད་ཟེར།

ཕྱི་ལོ་ 2016 ཟླ་ 1 ཚེས་ 12 རེས་གཟའ་མིག་དམར་ཉིན་ཕྲ་མཉེན་ཚང་གིས་གཞུང་འབྲེལ་གསལ་བསྒྲགས་ལྟར་ན་ལོ་གསུམ་ལས་འཁོར་མེད་པའི་སྐར་ཁུང་གི་རྒྱུད་ཁུངས་མ་ལག་ཨང་བརྒྱད་པ་ (Window8) དང། དྲ་མྱུལ་མཉེན་ཆས་ IE7,IE8,IE9,IE10 བཅས་ལ་དེ་ཉིན་ནས་ཕྲ་མཉེན་ཚང་གི་ལག་རྩལ་རྒྱབ་སྐྱོར་དང་ཉེན་སྲུང་མཐུན་རྐྱེན་གསར་པ་མི་སྦྱོར་ཟེར།

དེར་བརྟེན་ད་ལྟའང་སྐར་ཁུང་བརྒྱད་པ་བེད་སྤྱོད་གནང་མཁན་ཡོད་ན། དེ་དག་སྐར་ཁུང་བརྒྱད་ཚག་གཅིག་དང་། ཡང་ན་སྐར་ཁུང་བཅུ་པའི་ཐོག་རིམ་སྤར་གནང་དགོས་པའི་ལམ་སྟོན་བྱས་ཡོད། ཕྲ་མཉེན་ཚང་གིས་སྐར་ཁུང་བརྒྱད་པ་དེ་ལྟར་རྒྱང་ཕུད་གཏོང་དགོས་དོན་གཙོ་བོ་ནི། སྐར་ཁུང་བརྒྱད་པར་སྔ་མ་ནས་སྒྲིག་བཀོད་ལ་སྐྱོན་ཆེན་པོ་ཡོད་པ་དང་། དེ་སེལ་ཆེད་སྐར་ཁུང་བརྒྱད་ཚག་གཅིག་དམིགས་བཀར་དུ་བཟོས་ཡོད། མ་ཟད་སྐར་ཁུང་བརྒྱད་པ་དེ་གློག་ཀླད་དང་། ཊེ་བྷེ་ལེཊ་(tablet) སོགས་ཀྱི་ནང་ཡག་པོ་འགྲོ་གི་མེད། གལ་ཏེ་སྐར་ཁུང་བརྒྱད་པར་བཟོ་སྒྲིག་དང་བསྐྱར་བཅོས་བྱེད་དགོས་ན། དེ་ནི་ངལ་བ་འཕར་མ་ཞིག་དང། དོན་མེད་དུས་ཚོད་ཆུད་ཟོས་འགྲོ་རྒྱུ་གཞི་ཁོ་ན་ལས་མ་འདས།

སྐར་ཁུང་བརྒྱད་ཚག་གཅིག་ཐོག་སྤར་མཁན་ཚོར་ཕྲ་མཉེན་ཚང་ནས་ཕྱི་ལོ་ 2023 བར་ལག་རྩལ་གྱི་རོགས་སྐྱོར་ཐོབ་ཀྱི་ཡོད་པ་དང་། སྐར་ཁུང་བཅུ་པའི་ཐོག་རིམ་སྤར་གནང་མཁན་ཚོར་ཕྱི་ལོ་ 2025 བར་ཕྲ་མཉེན་ཚང་གི་ལག་རྩལ་རོགས་སྐྱོར་ཐོབ་ཀྱི་འདུག

སྐར་ཁུང་བརྒྱད་པ་དང་དྲ་མྱུལ་མཉེན་ཆས་  IE7,IE8,IE9,IE10 རང་འཇག་བེད་སྤྱོད་བྱེད་མཁན་ཡོད་ན། རྗེས་ཕྱོགས་དྲ་ཐོག་ཀྱི་ཉེན་སྲུང་དང་། སྐར་ཁུང་མ་ལག་གི་བཀོད་སྒྲིག་ལ་དོ་ཕོག་ཡོང་སྲིད་པ་ཞིག་ཆགས་ཡོད།

མིང་ཚིག

  • Service or Support / ལག་རྩལ་ཞབས་ཞུ།
  • Microsoft / ཕྲ་མཉེན་ཚང་།
  • Window / སྐར་ཁུང་།
  • Web Browser / དྲ་མྱུལ་མཉེན་ཆས།
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།