ལག་འཕྲུལ་ཀུན་ལ་འགྲོ་བའི་སོ་སྔོན་མཐེབ་གཞོང་ Logitech K480

ལག་ཐོག་ཁ་པར་ནང་འཕྲིན་ཐུང་མང་པོ་དང་བརྗོད་བྱ་མང་པོ་བཏག་དགོས་ན་ཉོབ་སྣང་སྐྱེ་གཞི་ཞིག་དང་དཀའ་ཚེགས་ཅན་ཞིག་ཀྱང་ཆགས་སྲིད། དེར་བརྟེན་ང་ཚོས་གློག་ཀླད་སྟེང་མཆོང་དགོས་པ་ཡང་སེ་ཡོང་གི་ཡོད། ཉེ་བའི་ལོ་ཤས་ནང་ལག་འཕྲུལ་དེ་དག་གི་སྟེང་ཡིག་བཏགས་ཐད་ཀར་བྱེད་རྒྱུར་སྟབས་བདེ་བསྐྲུན་ཆེད་བཟོ་ཚོང་ཁང་མང་པོས་སོ་སྔོན་གྱི་མཐེབ་གཞོང་འདྲ་མིན་འགྲེམས་ཚོང་བྱེད་འགོ་བཙུགས་ཡོད། ད་བར་ལག་འཕྲུལ་འདྲ་མིན་ཆེད་དུ་མཐེབ་གཞོང་ཆེ་ཆུང་རྣམ་པ་མང་པོ་ཐོན་ཡོད། དེ་དག་ཧ་ལམ་འདྲ་པོ་འདྲ་པོ་རེད་ལ། ཁ་པར་གཅིག་གི་སྟེང་ཡིག་བཏགས་བྱེད་ཐུབ་ཙམ་རེད། དེ་ཚོ་གང་རུང་གཅིག་ཉོས་ཏེ་སྤྱོད་ན་མ་འགྲིག་པ་མེད་སྙམ།

གལ་ཏེ་སྤྱོད་སྒོ་མང་བ་དང་། མཐུན་རྐྱེན་མང་པོ་འཛོམས་པ། སྤུས་ཚད་ལྡན་པ་ཞིག་ཉོ་འདོད་ན་འདིར་གུས་པས་སོ་སྔོན་གྱི་མཐེབ་གཞོང་གསར་པ་ཞིག་ཁྱེད་ལ་ངོ་སྤྲོད་བྱེད་ཀྱི་ཡིན། ཉེ་དུས་དྲ་ཐོག་འཚོལ་ཞིབ་བྱས་པའི་རྒྱུད་སོ་སྔོན་(Bluetooth)གྱི་མཐེབ་གཞོང་སྤུས་ལེགས་ཤིག་དྲ་ཐོག་ནས་ཚོང་རྒྱུ་འདུག །མཐེབ་གཞོང་དེ་ནི་ Bluetooth Logitec K40 ཟེར། མཐེབ་གཞོང་དེས་རྒྱུན་གཏན་གློག་ཀླད་ཆེད་དུ་སྤྱོད་ཐུབ་པ་མ་ཟད་ཨྱ་ཧྥོན་དང་། ཨན་ཌོ། སྐར་ཁུང་གི་ལག་ཐོག་ཁ་པར་དང་ལག་འཕྲུལ་ཚང་མ་མཉམ་དུ་བདེ་བླག་ངང་བེད་སྤྱོད་བྱེད་ཐུབ་ཀྱི་འདུག

སོ་སྔོན་གྱི་མཐེབ་གཞོང་དེ་ལ་དམིགས་བསལ་ཁྱད་ཆོས་ཁ་ཤས་ཡོད་པ་ནི།

  • དུས་གཅིག་ལ་ལག་ཐོག་ཁ་པར་གསུམ་མཉམ་དུ་མཐུད་ཐུབ་པ།
  • ཡི་གེ་བཏགས་པའི་སྐབས་ཁ་པར་དང་པོ་གཉིས་པ་གསུམ་པ་གང་རུང་འདེམས་ཏེ་ཡིག་བཏགས་བྱས་མཆོག
  • ཁ་པར་ནང་མཉེན་ཆས་ཁ་འབྱེད་རྒྱུ་དང་། བསྡུ་རྒྱུ། སྒོ་རྒྱག་པ་སོགས་མཐེབ་གཞོང་དེ་རང་ནས་བྱེད་ཆོག
  • མཐེབ་གཞོང་གི་ཆེ་ཆུང་རན་པ་དང་མཛུབ་གནོན་བདེ་བ།
  • མཐེབ་གཞོང་དེ་ལ་གློག་མེ་ Cell ཉོས་ཏེ་བཅུག་རྒྱུ་བཅས་འདུག
  • Amazon དང་ Ebay སོགས་དྲ་ཐོག་ནས་ཉོ་ན་ཨ་སྒོར་ $50 རེད་འདུག

བརྙན་ཐུང་འདིར་གཟིགས་ན་གསལ་བ་ཧ་གོ་ངེས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།