གཞུང་ལས་མཉེན་ཆས་ Word ནང་ཡི་གེ་སྙོམ་སྒྲིག་བཟོ་སྟངས།

གློག་ཀླད་ནང་ཕྲ་མཉེན་ཚང་(Microsoft)གི་ Word མཉེན་ཆས་གསར་པ་བཅུག་ནས། མཉེན་ཅས་དེ་ཡི་ནང་བོད་ཡིག་བཏགས་སྐབས། ཚིག་འབྲུ་ཁ་འཐོར་འགྲོ་བའམ། བར་སྟོང་འཁོད་མི་སྙོམས་པ། ཡི་གེ་འོག་ཏུ་ཟག་འགྲོ་བ་སོགས་ཡོང་གི་ཡོད། གནད་དོན་དེ་སེལ་ཆེད་ངེས་པར་དུ་གཞུང་ལས་མཉེན་ཆས་ Word རྒྱབ་ངོས་ནས་སྐད་ཡིག་གི་འདེམས་གའི་ནང་གསེས་བོད་ཡིག་ (Tibeta PRC) ཞེས་པ་དེ་ཁ་སྣོན་བྱེད་དགོས།

གཞོར་འཕྲོད་དུ་ཞུ་རྒྱུར། བོད་ཡིག་ཚིག་འབྲུ་མང་པོ་གཡས་གཡོན་འཁོད་སྙོམ་པོ་བཟོ་ཆེད་ཀྱི་ Justify དེ་ཡག་པོ་སླེབས་ཐུབ་པ་བཟོ་འདོད་ན། གཤམ་གསལ་ལྟར་བྱེད་ན་འགྲིག

Word མཉེན་ཆས་ནང་བཏགས་ཟིན་པའི་ཡི་གེ་དུམ་མཚམས་ (paragraph) དེ་དག་ Align Left དང་ Align Right, Align Center, Justify (གཡས་བར་གཡོན་སྙོམ་)བཅས་འདེམས་ཀ་བཞིའི་སྒོ་ནས་འཇོག་རྒྱུ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན། word ནང་བཏགས་པའི་ཡི་གེ་དེ་དག་སྙོམ་སྒྲིག་ཡོང་ཆེད་ང་ཚོས་རྒྱུན་པར་ Justify ཐོག་གནོན་གྱི་ཡོད་ཀྱང་བོད་ཡིག་ལ་དེ་ཙམ་གྱི་ཐུགས་ཕན་གསོས་ཀྱི་མེད།

ཉེ་བའི་ཆར་དོ་གཉེར་ཅན་གྱི་བོད་མི་མང་པོ་ཞིག་གིས་ Thai Distributed ཞེས་པའི་བོད་ཡིག་ཡི་གེ་སྙོམ་སྒྲིག་བྱེད་སྟངས་ཧ་ཅང་ལེགས་པོ་ཞིག་སྤྱད་ཀྱི་འདུག་པ་དེ་ཟིན་བྲིས་འདིའི་རྒྱུད་ཁྱེད་རྣམ་ལ་ངོ་སྤྲོད་བྱེད་ན་སྙམས། Thai Distributed དེ་ནི་ Thai ཡི་གེ་སྙོམ་སྒྲིག་ཆེད་བཟོས་པ་ཞིག་ཡིན་ཡང་ཚོད་ལྟའི་རྒྱུད་བོད་ཡིག་ཡི་གེའི་སྙོམ་སྒྲིག་ལ་ཡང་བེད་སྤྱོད་ཧ་ཅང་ཡག་པོ་ཡོང་གི་འདུག །ནམ་རྒྱུན་ཡི་གེའི་དུམ་མཚམས་ཞིག་ལ་ Justify བཏང་བའི་སྐབས་ཡི་གེ་སྙོམ་སྒྲིག་ཆ་ཚང་ཞིག་ཡོང་གེ་མེད། Thai Distributed སྤྱད་ན་བོད་ཡིག་གི་ཡི་གེའི་སྙོམ་སྒྲིག་ཧ་ཅང་ཚགས་དམ་པོ་ཡོང་གི་འདུག་པ་གཤམ་གྱི་དཔེ་རིས་ལས་ཁྱད་པར་འབྱེད་ཐུབ།

གཞུང་ལས་མཉེན་ཆས་ Word 2007/2010/2013/2016/2019 ནང་ Thai Distribution དེ་དང་ཐོག་མངོན་གསལ་མེད་ཀྱང་གཤམ་གྱི་ཐབས་ལམ་སྤྱད་ན་ “གཡས་བར་གཡོན་སྙོམ་” གྱི་བསྟར་པའི་ནང་སླེབས་ཐུབ།

འགྲོ་སྟངས་ནི། དང་པོ་གཞུང་ལས་མཉེན་ཆས་ Word ཁ་ཕྱེ་རྗེས། File > Option > language > Tibetan (PRC) དང་ Thai ཟེར་བའི་སྐད་ཡིག་གཉིས་པོ་ཁ་སྣོན་བྱེད་དགོས། དེ་རྗེས་ Word མཉེན་ཆས་མར་བསད་དེ་ཡང་ཁ་ཐེངས་གཅིག་ཕྱེ་དང་ “གཡས་བར་གཡོན་སྙོམ་” ཀྱི་འགྲམ་དུ་ Thai Distributed ཞེས་པའི་འདེམས་ཀ་གསར་དེ་སླེབས་ངེས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

4 Responses

  1. ཕན་ཐོགས་ཆེནཔོ་བྱུང་། ཐུགས་རྗེ་ཆེ་ཞུ། ཁྱོད་རང་གི་དྲ་ཚིགས་དེ་སྔོན་མ་ནས་མཐོང་ཡོད་རོགས་བྱེད་ན་ཨ།

  2. ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་། ཐུགས་རྗེ་ཆེ། གཞན་ལའང་བརྒྱུད་སྐུར་བྱེད་ཀྱི་ཡིན།

    1. ངས་ཚོད་ལྟ་ཁག་ཁ་ཤས་བྱས་མཐར་ཤེས་གསལ། ཀུ་ཤུའི་གཞུང་ལས་མཉེན་ཆས་ MS Word ནང་ Thai ཟེར་བའི་ཡི་གེ་སྙོམས་སྒྲིག་བྱེད་པའི་འདེམས་ག་དེ་མིན་འདུག །ཀུ་ཤུ་གློག་ཀླད་སྤྱོད་མཁན་ཞིག་ཡིན་ན་ངེས་པར་དུ་ཤེས་དགོས་ཞིག་ནི། གཞུང་ལས་མཉེན་ཆས་ནང་བོད་ཡིག་ཡག་པོ་དང་ཏག་ཏག་ལ་སླེབས་མིན་ནི། ཀུ་ཤུ་གློག་ཀླད་ཀྱི་ཐོན་རིམ་ཅི་ཡིན་མིན་ལ་ཧ་ཅང་རགས་ལུས་འདུག །ངས་ཚོད་ལྟ་བྱས་ནས་དོ་སྣང་བྱུང་བ་ཞིག་ནི། ཀུ་ཤུའི་གློག་ཀླད་ macOS High Sierra ནང་དུས་རྒྱུན་གྱི་སྙོམས་སྒྲིག་བཟོ་བྱེད་དེ་ཡིས་བོད་ཡིག་ལ་ཡང་ཡག་པོ་ཡོང་གི་འདུག །དེ་བཞིན་དུ་སྐབས་འགར་ Adobe གི་མཉེན་ཆས་རིགས་ཀྱང་ཡག་པོ་འགྲོ་མིན་འགྲོ་ཀུ་ཤུའི་གློག་ཀླད་ཀྱི་ཐོན་རིམ་དང་ཧ་ཅང་འབྲེལ་བ་ཆགས་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།