མཱལ་གུ་དྷིའི་ཉིན་མོ། ( Malgudi Days )

ལིའུ་ ༥༠ ཡོད་པའི་བརྙན་འཕྲིན་གྱི་ལེ་ཚན་འདི་ནི་འཛམ་གླིང་ནང་སྐད་གྲགས་ཡོད་པའི་རྒྱ་གར་རྩོམ་པ་པོ་ ཨར་ ཀེ་ ན་ར་ཡན་ (R.K. Narayan) གྱིས་ཕྱི་ལོ་ ༡༩༤༣ ལོར་དཔར་བསྐྲན་བཏབས་པའི་སྒྲུང་དེབ་ལ་གཞི་བཅོལ་བ་ཞིག་རེད་འདུག

སྒྲུང་དེབ་དེ་དཔར་སྐྲུན་ཐེངས་གཉིས་པ་ཕྱི་ལོ་ ༡༩༨༢ ལོར་ པེན་གྷུན་ ཀལསི་ (Penguin Classics) ནས་བྱས་ཡོད། སྒྲུང་དེབ་དེ་ནི་ས་བཅད་ ༡༩ ཡོད་པ་བརྩམས་སྒྲུང་ནང་གི་ས་གནས་དེ་རྒྱ་གར་ལྷོ་ཕྱོགས་ མཱལ་གུ་དྷི་ (Malgudi) ཟེར་ལ་བྱུང་བ་ལྟ་བུ་བྲིས་ཡོད། སྒྲུང་གི་ལེའུ་རེ་རེའི་ནང་ མཱལ་གུ་དྷིའི་ འཚོ་བའི་རྣམ་པ་མང་པོ་མཚོན་པར་བྱས་ཤིང་། ཨ་རིའི་གསར་ཤོག་ཁང་ The New York Times ནས་ཀྱང་སྒྲུང་དེབ་ཀྱི་ནང་དོན་ནི་ཕུན་སུམ་ཚོགས་པ་དང་སྒྲུང་དེབ་འདི་ཀློག་མཁན་ཚོར་ཡང་དུས་ཚོད་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་ཉག་ཅིག །མ་ཟད་སྒྲུང་དེབ་འདི་ནི་སྒྱུ་རྩལ་གྱི་རང་བཞིན་ཅིག་རེད་ཟེར།

ཕྱི་ལོ་ ༡༩༨༦ ཙམ་ལ་སྒྲུང་དེབ་དེར་གཞི་བཅོལ་ནས་གཟུགས་མཐོང་གློག་འཕྲིན་གྱི་ལེ་ཚན་ཁ་ཤས་ཤིག་བཟོས་ཡོད། དེ་ནས་ཕྱི་ལོ་ ༢༠༠༤ ལོར་ལས་འཆར་ཆེན་པོ་ཞིག་མིང་ཐོག་ནས་བསྐྱར་དུ་ལྟད་མོ་ཆ་ཚང་ཞིག་འཁྲབ་ནས་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༢༦ ཉིན་དངོས་སུ་ Doordarshan བརྙན་འཕྲིན་ལས་ཁང་ནས་ཐད་གཏོང་གནང་བ་རེད། བརྙན་འཕྲིན་གྱི་ལེ་ཚན་འདི་ལ་མི་མང་གི་དགའ་མོས་ཆེན་པོ་ཐོབ་པ་མ་ཟད་བརྙན་འཕྲིན་ལས་ཁུངས་གཞན་ཁག་གི་ནང་དུ་ལོ་དང་དུས་དུས་སུ་ཡང་ཡང་བསྟོན་ཡོད།

འདི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ནི་ གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ ཨར་ ཀེ་ ན་ར་ཡན་ འདས་ནས་ལོ ༡༠༨ ཕྱིན་པའི་རྗེས་དྲན་ཉིན་མོ་ཡིན་པ་དང་ གུ་གུལ་དྲ་ཚིགས་ངོས་སུ་ ཁོང་ལ་ཆེ་བསྟོད་ཆེད་ ཁོང་གི་སྐུ་དཔར་སྐྱེལ་ཡོད།

གློག་བརྙན་ཆ་ཚང་རྒྱ་གར་སྐད་ཀྱི་ཐོག་ཡིན། གལ་ཏེ་རྒྱ་གར་སྐད་མི་གོ་མཁན་ཡིན་ན་ གཤམ་ཡིག་དབྱིན་ཡིག་ཐོག་ཡོད། སྒྲུང་ཧ་ཅང་ཡག་པོ་འདུག །ཁྱེད་ཀྱིས་ལེའུ་དང་པོ་དེ་གཅིག་བལྟ་དང་དེ་ནས་གཉིས་པ་གསུམ་པ་ཚང་མ་བལྟ་ཤོར་ངེས་རེད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།