TB

༢༠༢༦ ལོའི་གློག་རྫས་ཚེ་ཚད་ཡག་ཤོས་ཀྱི་ཁ་པར་བརྟག་དཔྱད།

Format: DOCX Published: January 9, 2026 Loading document...

༢༠༢༦ ལོའི་གློག་རྫས་ཚེ་ཚད་ཡག་ཤོས་ཀྱི་ཁ་པར་བརྟག་དཔྱད།

Status: པར་འགྲེམས་བྱས་ཟིན།

Author: Sonam Dawa

Last modified: 2026-02-09 09:54

Categories: ཁ་པར་ཤེས་བྱ།

2026 Best Mobile Battery

CNET ཡིས་ཁ་པར་མི་འདྲ་བ་ ༣༥ ལ་བརྟག་དཔྱད་གཙོ་བོ་གཉིས་བྱས་ཡོད།:

1. ཆུ་ཚོད་ ༣ གྱི་བརྙན་རིས་ཐད་གཏོང་བརྟག་དཔྱད: དྲ་རྒྱ་ (Wi-Fi) བརྒྱུད་ནས་བརྙན་ཡོལ་གྱི་འོད་ཚད་ཆེ་ཤོས་ལ་བཞག་སྟེ་བརྙན་རིས་ལ་བལྟ་བ།

2. སྐར་མ་ ༤༥ ཡི་གནོན་ཤུགས་བརྟག་དཔྱད (Stress Test): རྩེད་མོ་རྩེད་བ་དང་། བརྙན་ལམ་ཁ་པར་ (Video calls) གཏོང་བ། དེ་བཞིན་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ (Social media) བཀོལ་བ་སོགས་ལས་ཀ་མང་པོ་མཉམ་དུ་བྱེད་པ།

ཁ་པར་གྱི་ཨང་རིམ་གྲུབ་འབྲས།

དོ་སྣང་བྱེད་དགོས་པའི་གནད་ཚིག

• Apple ཡི་ལེགས་ཆ: ཧ་ལས་དགོས་པ་ཞིག་ལ། ཨང་གཉིས་པ་ཐོབ་པའི་ iPhone 17 གྱི་གློག་རྫས་དེ་ OnePlus 15 (7,300mAh) ལས་བརྒྱ་ཆ་ ༤༩.༤ ཡིས་ཆུང་བ་ཡོད་ནའང་། Apple ཡི་ནང་ཁུལ་སྟངས་འཛིན་ལག་རྩལ་ (Optimization) གྱིས་རྐྱེན་པས་གློག་རྫས་ཀྱི་ཚེ་ཚད་མཉམ་པ་བྱུང་ཡོད།

• OnePlus ཡི་སྟོབས་ཤུགས: OnePlus 15 ལ་གློག་རྫས་ 7,300mAh ཅན་གྱི་ "Silicone Nanostack" ཞེས་པའི་ལག་རྩལ་གསར་པ་བཀོལ་ཡོད་པས། ཁ་པར་གྱི་མཐུག་ཚད་མ་སྤར་བར་གློག་རྫས་ཀྱི་ནུས་པ་ཆེན་པོ་བཅུག་ཐུབ་ཡོད།

• ལྟེབ་ཆགས་ཁ་པར (Foldables): ལྟེབ་ཆགས་རང་བཞིན་གྱི་ཁ་པར་ Pixel 10 Pro Fold དང་ Motorola Razr (2025) གཉིས་ཀྱིས་ཀྱང་གནོན་ཤུགས་བརྟག་དཔྱད་ནང་གྲུབ་འབྲས་ལེགས་པོ་བཏོན་ཡོད།

• བཟོ་ཚོང་ཁང་གི་ཨང་རིམ: སྤྱི་ཡོངས་ནས་བལྟས་ན། Apple དང་ OnePlus གཉིས་ནི་གློག་རྫས་ཚེ་ཚད་ཡག་ཤོས་ཀྱི་ཀམ་པ་ཎི་ཡིན་པ་དང་། Motorola ཡིས་ Samsung ལས་ཅུང་ཟད་ལྷག་པའི་གྲུབ་འབྲས་བཏོན་ནས་ཨང་གསུམ་པ་བཟུང་ཡོད།

མཇུག་བསྡོམས་ཀྱི་བསམ་གཞིག

༢༠༢༦ ལོ་འདི་ནི་ཁ་པར་གྱི་གློག་རྫས་ལག་རྩལ་ལ་འགྱུར་བ་ཆེན་པོ་ཐེབས་པའི་ལོ་ཞིག་ཡིན་པ་དང་། Android ཁ་པར་དག་ལ་གློག་རྫས་ཆེན་པོ་ཡོད་ནའང་། Apple ཡིས་ནང་ཁུལ་མཉེན་ཆས་ཀྱི་སྟངས་འཛིན་བརྒྱུད་ནས་སྔར་བཞིན་ཨང་དང་པོ་བཟུང་བཞིན་ཡོད།

Page 1 of 1